谢旦歌曲封面
00:00
03:17
🔊

故乡

专辑
故乡
发行日期
2023-05-29
流派
暂无
时长
03:17
播放次数
2,356,789
收藏人数
156,432
歌词
相关信息

作词 : 更共加

作曲 : 加贝

རི་རྩེ་མོ་རབ་དཀར་རྨ་རྒྱལ་གངས་ཀྱི་ལྷ། །

ཤར་གཉན་པོ་གཡུ་རྩེ་འཛམ་གླིང་གཏེར་གྱི་ལྷ། །

རྫ་བསེ་ཁྲབ་གཡུང་དྲུང་ལྕགས་རྩེ་སྟོབས་ཀྱི་ལྷ། །

ཡུལ་འདི་ནི་བུ་ཆུང་ང་ཡི་ཕ་ཡུལ་ཡིན། །

མཚོ་སྐྱ་རེངས་ཁ་དཀར་རྐྱང་གི་སྐོམ་ཆུ་ཡིན། །

མཚོ་སྔོ་རེངས་བྲེ་སེར་འབྲོང་གི་སྲེད་ཆུ་ཡིན། །

མཚོ་གྲོ་རེངས་ཤྭ་དང་ཡུ་མོའི་རྩེ་ཆུ་ཡིན། །

གནས་འདི་ནི་བུ་ཆུང་ང་ཡི་ཕ་ཡུལ་ཡིན། །

རྨ་ལུ་མ་གཡུང་དྲུང་འཁྱིལ་བའི་ད་ཁུགས་ན། །

སྡེ་ཁྲ་ཆེན་ཨ་སྐྱོང་འབུམ་པའི་བུ་རྒྱུད་ཆགས། །

དཔའ་ངར་རྒོད་སྙན་གྲགས་སྒང་པ་བོད་ལ་བཞག །

གནས་འདི་ནི་བུ་ཆུང་ང་ཡི་ཕ་ཡུལ་ཡིན། །

གཞུང་ཆེན་པོ་ཨ་ཕྱི་དུག་ཐང་སྐྱ་མོ་ནས། །

གླིང་དཔའ་རྟུལ་ཁྲོས་པའི་ང་རོ་རླུང་གིས་སྒྲོག །

སྒྲུང་བསེར་མས་འཁུར་ནས་རི་དང་ཀླུང་ལ་ཁྱབ། །

གནས་འདི་ནི་བུ་ཆུང་ང་ཡི་ཕ་ཡུལ་ཡིན། །

གུར་ཕྱིང་པའི་བལ་སྒོ་ཤར་གྱི་ཕྱོགས་ལ་གཏད། །

ཤར་གོང་མའི་གསེར་ལམ་སྟོང་རི་མཚོ་ཁར་བབས། །

ལུས་ལོངས་སྤྱོད་ཤིང་རྟ་སྟོང་གིས་བོད་ལ་དྲངས། །

གནས་འདི་ནི་བུ་ཆུང་ང་ཡི་ཕ་ཡུལ་ཡིན། །

གཡང་ར་བ་སྒོ་བཞི་གངས་རིའི་རྟེན་ཕུར་ཡིན། །

ཟས་དཀར་གསུམ་བོད་མིའི་སྲོག་གི་མཐུད་མ་ཡིན། །

ཚུལ་ལུགས་གཉིས་འཇིག་རྟེན་ཁམས་ཀྱི་མེ་ལོང་ཡིན། །

གནས་འདི་ནི་བུ་ཆུང་ང་ཡི་ཕ་ཡུལ་ཡིན། །

ཚུལ་ལུགས་གཉིས་འཇིག་རྟེན་ཁམས་ཀྱི་མེ་ལོང་ཡིན། །

གནས་འདི་ནི་བུ་ཆུང་ང་ཡི་ཕ་ཡུལ་ཡིན། །

历史记录

!
提示
播放失败哦,因为我没有版权😂哈哈哈。