
心中的歌
作词 : 藏日嘎桑南真
作曲 : 谢旦
玛珍岗尼:
གངས་དཀར་ཨ་མ་ཡི་ནུ་ཞོས་གསོས་བའི།
བསམ་མེད་དེང་སང་གི་མཁས་རློམ་རྣམ་པ།
མེས་པོ་དམ་པ་ཚོའི་ཤི་བླ་བཙག་བཞིན།
གངས་རིའི་ཕ་ཆོས་ལ་ངན་སྨད་མ་བྱེད། ཡེ།
མེས་པོ་དམ་པ་ཚོའི་ཤི་བླ་བཙག་བཞིན།
གངས་རིའི་ཕ་ཆོས་ལ་ངན་སྨད་མ་བྱེད། ཡེ།
谢旦:
བྷོ་ཊའི་ཆོས་རིག་གི་སྙིང་པོ་འཛིན་པའི།
ཞྭ་མདོག་དམར་སེར་གྱི་དགེ་འདུན་རྣམ་པ།
སྟོན་པ་སངས་རྒྱས་ལ་ཡིད་ཆེས་ཡོད་ན།
གྲུབ་མཐའ་ཆགས་སྡང་གི་ཕྱོགས་རེས་མ་བྱེད། ཡེ།
སྟོན་པ་སངས་རྒྱས་ལ་ཡིད་ཆེས་ཡོད་ན།
གྲུབ་མཐའ་ཆགས་སྡང་གི་ཕྱོགས་རེས་མ་བྱེད། ཡེ།
玛珍岗尼:
ཁ་ཤོབ་འབྲུག་སྐད་ཀྱི་གནམ་ས་འགེངས་བའི།
གདོང་དམར་བོད་པ་ཡི་སྐྱ་སེར་གཉིས་ཀ
ཕ་བཟང་བུ་རྒྱུད་ཀྱི་ལ་རྒྱ་ཡོད་ན།
མི་རབས་ཕྱི་མ་ལ་བསམ་བློ་ཐོངས་ཡ། ཡེ།
ཕ་བཟང་བུ་རྒྱུད་ཀྱི་ལ་རྒྱ་ཡོད་ན།
མི་རབས་ཕྱི་མ་ལ་བསམ་བློ་ཐོངས་ཡ། ཡེ།
谢旦:
འཛམ་གླིང་ཧྲིལ་བོ་འདི་ཁྱིམ་གཅིག་ཟེར་ནས།
བྱམས་བརྩེ་མཐུན་སྒྲིལ་གྱི་རིན་ཐང་གླེང་དུས།
ཕ་གཅིག་མ་གཅིག་གི་གདོང་དམར་བོད་པ།
ཆོལ་ཁ་སྟོད་སྨད་ཀྱི་གཏམ་ཉོག་མ་བཤད། ཡེ།
ཕ་གཅིག་མ་གཅིག་གི་གདོང་དམར་བོད་པ།
ཆོལ་ཁ་སྟོད་སྨད་ཀྱི་གཏམ་ཉོག་མ་བཤད། ཡེ།
合:
ཤེས་རིགས་སྣ་མང་གི་ནོར་བུའི་ཁྲོད་ནས།
ནང་ཆོས་རིག་པ་འདིའི་གསེར་འོད་འཕྲོ་དུས།
བོད་ཕྲུག་བྱིས་པ་ཚོས་གཞན་རྗེས་འབྲང་ནས།
ཡིད་བཞིན་ནོར་བུ་འདི་བདག་མེད་མ་བྱེད། ཡེ།
བོད་ཕྲུག་བྱིས་པ་ཚོས་གཞན་རྗེས་འབྲང་ནས།
ཡིད་བཞིན་ནོར་བུ་འདི་བདག་མེད་མ་བྱེད། ཡེ།
བོད་ཕྲུག་བྱིས་པ་ཚོས་གཞན་རྗེས་འབྲང་ནས།
ཡིད་བཞིན་ནོར་བུ་འདི་བདག་མེད་མ་བྱེད། ཡེ།